韩宝仪《迎新年》[内嵌封面歌词][FLAC/MP3-320K]

tudou 2026-02-28 09:52:57 0

歌词

ཁོ་་་ཧོ་་་འོ་་་
རི་མཐོ་པོས་སྒང་ནས་ཀི་ཞིག་རྒྱབ་ཡོད།
ཀི་་་བསོ་བསོ།
ཁོ་་་ཧོ་་་འོ་་་
རི་མཐོ་པོས་སྒང་ནས་གླུ་ཞིག་བླངས་ཡོད།
ཀི་་་ཧེ་ཧེ།

ཕ་རི་གཡས་རིའི་མགོན་དཔོན།
ཚུལ་རི་གཡོན་རིའི་མགོན་དཔོན།
སྟོད་ཀྱི་གངས་དཀར་ཏི་སི།
བར་གྱི་གཉན་ཆེན་ཐང་ལྷ།
སྨད་ཀྱི་རྨ་རྒྱལ་སྤོམ་ར།
སོག་གི་གཡག་ལ་སེ་བོ།
ཁྱེད་རྣམ་ལ་མཆོད་མཆོད།

དབང་ཐང་བསོད་ནམས་རླུང་རྟ་གསུམ།
བུ་དཔའ་བོའི་ལུས་དང་བྲལ་མེད་ཤོག
དབུ་འཕང་དགུང་ལས་མཐོ་བར་ཤོག
སྟོད་ཀྱི་མ་ཕམ་གཡུ་མཚོ།
བར་གྱི་གནམ་མཚོ་ཕྱུག་མོ།
སྨད་ཀྱི་ཁྲི་ཤོར་རྒྱལ་མོ།
ཁྱེད་རྣམ་ལ་གསོལ་ལོ་མཆོད་དོ།

ཡུལ་འདི་ལ་གནས་པའི་ཡུལ་མི་སྤུན་མཆེད་ཚོ།
ས་འདི་ལ་འཛོམས་པའི་སྤུན་ཟླ་ལྷན་རྒྱས།
ཁྱད་པར་དུ་གནམ་ལོ་གསར་པ་འདིའི་ནང་ལ།
ལས་གང་བྱས་བྱ་བ་ལམ་འགྲོ་བའི་ཆེད་དུ།
མཆོད་མཆོད་མཆོད་མཆོད།

བཀྲ་ཤིས་པའི་ལོ་གསར་ཚེས་གདའ།
དུས་དེ་རིང་མཉམ་དུ་འཛོམས་སོང་།
ཁྱོད་བྱ་བ་ལམ་འགྲོ།
ང་བསམ་འདོན་ལྷུན་འགྲུབ།
ལོ་གསར་པ་དབུ་འཕང་༼ཁྱོད་༽དགུང་ལས་མཐོ་ཤོག

བཀྲ་ཤིས་ལོ་གསར་ཀྱི་ཚེས་འགོ
རྟེན་འབྲེལ་གྱི་འགོ་མ།
ཕ་ཨ་ཁུ་མ་སྲུ་མོ་ཚ་བོ་ཚ་མོ།
ལོ་གསར་གྱི་བསུ་མ་མཆོད་དང་།
རྟེན་འབྲེལ་གྱི་ཕྱེ་མར།
འགྲོ་ཀུན་བདེ་ཞིང་སྐྱིད་པའི།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

བཀྲ་ཤིས་ལོ་གསར་པ་འདིའི་ནང་།
གར་སོང་ལ་ནོར་འཕེལ།
གར་བསྡད་ལ་གཡང་ཆགས།
གོམ་གསུམ་སྤོས་ན་བཀྲ་ཤིས།
ཚིག་གསུམ་བཤད་ན་དོན་འགྲུབ།
ཅི་བསམ་གྱི་བསམ་དོན་འགྲུབ་པའི།
ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

བཀྲ་ཤིས་ཤོག
བཀྲ་ཤིས་བདེ་ལེགས།
ལོ་གསར་བཟང་།
བཀྲ་ཤིས་བདེ་ལེགས།
མཆོད་དང་ཕྱེ་མར་མཆོད་ཡོད།
ཕུལ་ལོ་ཟས་ཀྱི་མཆོད་ཀ
མཆོད་མཆོད་ཀ་ཡར་ལ་མཆོད་ན།
དོན་ཅི་བསམ་བསམ་དོན་འགྲུབ་ཡོང་།

ཤར་རྒྱལ་མོ་རྔུལ་ཆུའི་ཕར་ཀ་ན།
དཀར་འོ་མ་འདྲ་ལེའི་མཚོ་ཞིག་འཁྱིལ།
དཀར་འོ་མ་འདྲ་ལེའི་མཚོ་ཁ་ནས།
རྩི་མེ་ཏོག་དཀར་སེར་དམར་ལྗང་ཤར།

ངས་མེ་ཏོག་དཀར་པོ་ཕ་༼ཨ་༽ཁུར་འབུལ།
ཕ་ཨ་ཁུའི་གཏམ་རབ་དེ་བཟང་རེད།
ངས་མེ་ཏོག་དམར་པོ་མ་སྲུར་འབུལ།
མ་སྲུ་མོའི་ཇ་ཆང་འཛོམས་ཡག་རེད།
མ་སྲུ་མོའི་ཇ་ཆང་འཛོམས་ཡག་རེད།


ཁོ་་་ཧོ་་་འོ་་་
ལོ་གསར་པ་གླུ་དང་བྲོ་ཡིས་བསུ་འགྲོ
ཡ་་་འཁྲོབ་ཤོག
ཁོ་་་ཧོ་་་འོ་་་
ཟས་ཇ་ཆང་བདུད་རྩིའི་བཅུད་ལ་རོལ་ཤོག
བཀྲ་ཤིས་བདེ་ལེགས།

བཀྲ་ཤིས་པའི་ལོ་གསར་ཚེས་གདའ།
ནང་ཕ་མ་སྤུན་ཟླ་འཛོམས་གདའ།
ངས་གླུ་ཞིག་ལེན་ཡོང་།
ཁྱོད་བྲོ་ཞིག་འཁྲོབ་ཤོག
དགའ་ལྷང་ལྷང་ངང་ནས།
ཁྱོད་མགྲོན་ལ་ཕེབས་ཤོག

ཚེ་རིང་ནད་མེད།
བྱ་བ་ལམ་འགྲོ།
བསམ་དོན་ལྷུན་འགྲུབ།
ཕུགས་བསམ་མངོན་འགྱུར།
འབུལ་ལོ་ཁ་བཏགས་དཀར་པོ།
མཆོད་དང་ཟས་ཀྱི་མཆོད་པ།
ལོ་གསར་པ་འདི་ཡི་ནང་དུ།
ཁྱོད་བསམ་པའི་བསམ་དོན་འགྲུབ་ཤོག

下载:

提取码:




最新回复 (0)

    暂无回复,快来抢沙发~

    • HiFiNi-音乐磁场|无损音乐下载|FLAC|WAV|MP3高品质音乐网免费下载试听网站
      2
        立即登陆 立即注册 QQ登陆

您可以在 登录 or 注册 后,对此帖发表评论!

返回